On the occasion of H.E. Choepel Rinpoche's birthday, Dudjom Tröma Tsokkor practice was held at Lamstan Model Public School together with H.E. Urgyen Rinpoche and Ladakhi group of Tröma practitioners.
བན་དེ་ཁེ་རུ་མ་ཁེར་རྐྱང་།། རྒྱབ་ཁུར་ལ་ཆོས་གོས་སེར་པོ།། ཁྲག་འཐུང་གི་ཁྲོས་མའི་རྣལ་འབྱོར།་ ཆོས་འཕེལ་གྱི་འཁྲུངས་སྐར་བསུ་འོ།། དཀོར་རྫས་བསག་པ་ཡི་མཛོད་མེད།། འཆལ་ཕོ་འཆལ་མོ་ཡི་འཁོར་མེད།། རྡོ་རྗེ་མཆེད་ལྕམ་གྱི་སློབ་དཔོན།། སྤྲུལ་སྐུ་བྱོན་པ་ལེགས་དགའ་འོ།། བག་མེད་ཆང་རག་གི་སྐྱེམས་མེད།། ཟ་འདོད་གཡག་ལུག་གི་ཤ་མེད།། དམ་རྫས་གཙང་མ་ཡི་ཚོགས་འཁོར།། བསོད་ནམས་དེད་དཔོན་གྱི་བླ་མ།། བླ་མ་ཆོས་འཕེལ་གྱི་འཁྲུངས་སྐར།། སྐལ་བཟང་ཚེས་བཟང་གི་ཉིན་མོར།། བཀྲ་ཤིས་ལྷ་དར་འདིས་བསུ་འོ།། བཀྲ་ཤིས་གླུ་དབྱངས་འདི་འབུལ་ལོ།། བཀྲ་ཤིས་ལྷ་དར་འདིས་བསུ་འོ།། བཀྲ་ཤིས་གླུ་དབྱངས་འདི་འབུལ་ལོ།། མཁན་པོ་ཀུན་དགའ་ནས།
Comments